ཅིང་ཚི་དགོན་པའི་མཁན་ཟུར་རྗེ་བཙུན་མ་ཤོན་ཧུའེ་མཆོག་གིས་ཁྲིམས་རྩོད་པའི་དཔང་པོའི་འོག་གནང་བའི་མང་ཚོགས་གསལ་བསྒྲགས་དོན་ཚན་དྲུག་གི་ཡི་གེ་ཆ་ཚང་།

ཉེ་ཆར་ཕྱི་ཕྱོགས་ཀྱི་པར་སྐྲུན་དང་། རྒྱང་བསྒྲགས། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཅིང་ཚི་དགོན་པ་དང་བདག་གི་སྐོར་ལ་བདེན་པ་མ་ཡིན་པའི་གནས་ཚུལ་དང་སྒྲ་ཕབ་ཀྱི་ནང་དོན་སོགས་ཁྱབ་སྤེལ་བྱས་པ་དེས། བདག་གི་མཚན་སྙན་ལ་གནོད་སྐྱོན་ཚབས་ཆེན་བཟོས་པས། དེའི་སྐོར་དུ་གསལ་བསྒྲགས་གཤམ་གསལ་ལྟར་ཡིན།

གཅིག   “མཁན་མོ་རྒན་པ་ཕྱིར་འབུད་བཏང་བ་” ནི་བདེན་པ་མ་ཡིན་པའི་གཏམ་འཆལ་ཡིན།
ཕྱི་ཕྱོགས་སུ་བདག་ཕྱིར་ཕུད་བཏང་བའི་སྐད་ཆ་ཁྱབ་པ་ནི་དམའ་འབེབས་བྱས་པ་ཞིག་རེད། དོན་དངོས་སུ། བདག་གིས་ནང་གི་ཉམས་ལེན་དང་རྟོགས་པ་ལ་གཅིག་ཏུ་གཞོལ་བའི་རེ་བ་ཡོད་པས། དགོན་པ་འདི་ཁྲིམས་ལྟར་སྤྲུལ་སྐུ་དཔལ་མེ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལ་བརྒྱུད་པ་འཛིན་པའི་ཆེད་དུ་རྩིས་སྤྲོད་ཞུས་པ་ཡིན། བདག་དང་སྤྲུལ་སྐུ་དཔལ་མེ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་བར་གྱི་འབྲེལ་བ་ནི་མཐུན་ཞིང་བཟང་པོ་ཡོད། དེ་མིན་ཅིང་ཚི་དགོན་པར་ཡང་ལན་མང་ཕྱིར་ལོག་གིས་འཚམས་འདྲི་ཞུས་ཡོད་པས། “ཕྱིར་འབུད་” ཟེར་བ་དང་མི་འོས་པའི་བྱ་སྤྱོད་གང་ཡང་བྱུང་མེད། 

གཉིས།   དགུང་ལོའི་སྐོར་གྱི་གོ་དོན་ལོག་པར་འཁྲིད་པའི་བཤད་ཚུལ།
ཕྱི་ཕྱོགས་ནས་བཤད་པའི་ “དགུང་ལོ་ཧ་ཅང་མཐོ་བ་” ཞེས་པའི་སྐད་ཆ་དེ་དོན་དངོས་དང་མི་མཐུན། བདག་ད་ལྟ་ལོ་ན་རེ་ལྔ་ཡིན་ཞིང་། གཟུགས་པོ་དང་སེམས་བདེ་ཐང་ཡིན་པས། ད་དུང་ཡང་ཉམས་ལེན་དང་བསྟན་པ་སྤེལ་བའི་ལས་དོན་སྒྲུབ་ཐུབ་ཀྱིན་ཡོད། “དགུང་ལོ་མཐོ་བས་ལས་འགན་སྒྲུབ་མི་ཐུབ་པ་” ཟེར་བའི་གནས་ཚུལ་དེ་འདྲ་མ་རེད།

གསུམ།   ཅིང་ཚི་དགོན་པའི་འཛུགས་སྐྲུན་དང་མཐུན་རྐྱེན་ཁྲིམས་མཐུན་ཡིན།
ཅིང་ཚི་དགོན་པའི་འཛུགས་སྐྲུན་དང་མཐུན་རྐྱེན་ “ཁྲིམས་མཐུན་མིན་པ་” ཞེས་པའི་ཞུ་གཏུགས་དང་གཏམ་འཆལ་དེ་དག་ནི། ཡོངས་སུ་བདེན་པ་མ་ཡིན་པའི་དམའ་འབེབས་དང་སྐུར་འདེབས་རང་ཡིན། ཅིང་ཚི་དགོན་པའི་འཛུགས་སྐྲུན་ཡོད་ཚད་ཁྲིམས་ལྟར་ཞུ་འབུལ་དང་ཁྲིམས་མཐུན་གྱིས་བསྐྲུན་པ་ཞིག་ཡིན་ལ། འབྲེལ་ཡོད་ཀྱི་ཚད་ལྡན་ཡིག་ཆ་ཡང་ཡོད་པས། ཁྲིམས་འགལ་གྱི་གནས་ཚུལ་གང་ཡང་མེད།

བཞི།   ཅིང་ཚི་དགོན་པའི་རྒྱུ་ནོར་ནི་ཁྲིམས་མཐུན་གྱི་ཕུལ་བ་ཞིག་ཡིན།
ཅིང་ཚི་དགོན་པའི་རྒྱུ་ནོར་རྩིས་སྤྲོད་ཀྱི་བརྒྱུད་རིམ་ཡོངས་རྫོགས་ཁྲིམས་མཐུན་ཡིན་པ་མ་ཟད། བདག་དང་དད་ལྡན་པའི་ཚོགས་འདུས་དངོས་སུ་ཆོག་མཆན་གནང་བ་ཞིག་ཀྱང་ཡིན།

ལྔ།   སྒྲ་ཕབ་ཀྱི་བཀའ་མོལ་གྱི་དངོས་དོན་གསལ་བཤད་དང་འགྲིག་འཇགས།
བཀའ་མོལ་དེ་བྱུང་སྐབས། བདག་གིས་སྐུ་ཞབས་ཧོང་ཡིང་ཅའེ་ (སྤྲུལ་སྐུ་དཔལ་མེ་མཁྱེན་བརྩེ་རིན་པོ་ཆེ་) མཆོག་ལ་གོ་ནོར་ངོ་མ་བྱུང་ཡོད། གསལ་བཤད་བྱས་རྗེས། འབྲེལ་ཡོད་ནང་དོན་དེ་དག་དངོས་ཡོད་མ་ཡིན་པ་དང་གོ་ནོར་ཡིན་པ་ར་འཕྲོད་བྱུང་། དེ་མིན་སྒྲ་ཕབ་དེ་ལ་གཅོད་སྒྲིག་དང་དུམ་བུར་བཅད་དེ་དོན་འཁྱོག་བཤད་བྱས་པ་གསལ་པོ་རེད། 

དྲུག   བདེན་པ་མ་ཡིན་པའི་གཏམ་འཆལ་གྱིས་ཐོབ་ཐང་ལ་བཙན་གནོད་དང་ཁྲིམས་འགལ་བྱས་པ།
གོང་གསལ་གྱི་བདེནཔ་མ་ཡིན་པའི་གཏམ་འཆལ་དེ་དག་གིས་བདག་དང་ཅིང་ཚི་དགོན་པའི་མཚན་སྙན་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད། སྒྲ་ཕབ་དེ་ནི་ཁྲིམས་འགལ་གྱིས་ལྐོག་ཏུ་ཕབ་པ་ཞིག་ཡིན་ལ། བདག་གིས་སུ་ལའང་ཁྱབ་བསྒྲགས་སམ་སྤེལ་བའི་དབང་ཆ་ནམ་ཡང་སྤྲད་མེད། བྱ་སྤྱོད་འདི་དག་གིས་བདག་གི་གསང་བ་དང་པར་གྱི་ཐོབ་ཐང་ལ་བཙན་གནོད་ཚབས་ཆེན་བྱས་ཡོད་པ་མ་ཟད། གང་འདོད་དུ་ངན་སེམས་ཀྱིས་གཅོད་སྒྲིག་བྱས་པའི་ནང་དོན་དེ་ཁྲིམས་འགལ་དང་འབྲེལ་བ་ཡོད། དངོས་དོན་གསལ་པོར་བཟོ་བའི་ཆེད་དུ། བདག་གིས་དམིགས་བསལ་དུ་མང་ཚོགས་ལ་གསལ་བཤད་བྱེད་པ་དང་ཆབས་ཅིག ཁྲིམས་རྩོད་པ་བསྐོས་ནས་བརྒྱུད་རིམ་ཡོངས་ལ་བརྙན་ལམ་བརྒྱུད་དཔང་པོ་བྱེད་དུ་བཅུག་ཡོད། ཁྲིམས་ལུགས་ཀྱི་རྗེས་འདེད་བྱ་རྒྱུའི་དབང་ཆ་ཉར་ཚགས་བྱས་ཡོད་པས། སུ་ཞིག་གིས་མུ་མཐུད་དུ་འབྲེལ་ཡོད་ཀྱི་བདེན་པ་མ་ཡིན་པའི་གཏམ་འཆལ་དེ་དག་ཁྱབ་སྤེལ་དང་། བསྐྱར་འགོད། ངན་སེམས་ཀྱིས་གླེང་སློང་བྱེད་པ་སོགས་ཀྱི་བྱ་སྤྱོད་སྤེལ་ཚེ། ཁྲིམས་ལྟར་རྩད་གཅོད་བྱ་རྒྱུ་ཡིན།