༈ བླ་མའི་ཞབས་བརྟན་ཆོས་སྐུ་རང་ཤར་ཞེས་བྱ་བ་བཞུགས་སོ།།
上師長壽祈請文˙法身自現
༈ ན་མོ་གུ་རུ་ཝེ།
南無古汝威
རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གར། །
諸佛智悲力之幻化舞
སངས་རྒྱས་གཉིས་པ་འགྲོ་བའི་དཔལ་དུ་ཤར། །
現為眾生德尊第二佛
གྲུབ་མཆོག་པདྨ་འབྱུང་གནས་བཀའ་དྲིན་ཅན། །
大恩最勝成就蓮花生
དེང་འདིར་གདུང་བས་བསྐུལ་ལོ་ཐུགས་རྗེ་ཟུངས། །
至誠勸請當下攝受我
འཆི་མེད་མགོན་པོ་ཚེ་ལྷ་རྣམས་པ་གསུམ། །
我以不退轉信而祈禱
མི་ཕྱེད་དད་པས་གསོལ་བ་འདེབས་ལགས་ན། །
無死怙主長壽三本尊
ཐུགས་རྗེ་ཡོ༵ན་ཏ༵ན་སྤྲུལ༵་པ༵འི་དཔ༵ལ་མངའ་བཞིན། །
大悲功德化身擁妙德
མེ༵་ཏོག་མཁྱེ༵ན་བརྩེ༵་བདག་ཉིད་ཞབས་བརྟན་གསོལ། །
繁花勝智主宰蓮足堅
དཀོ༵ན་མཆོ༵ག་གསུམ་གྱི་བསྟན་པ་འཛིན་པ་ལ། །
願尊執持三寶之聖教
ངག་གི་དབང་ཕྱུག་རྗེ་བཙུན་འཇམ་དབྱངས་ལྟར། །
猶如至尊文殊語自在
འགྲོ༵་བའི་དོན་ལ་གང་འདུ༵ལ་འཕྲིན་ལས་ཀྱིས། །
隨類調化事業度眾生
ལྷོ་གླི༵ང་སེམས་ཅན་དོན་ལ་ཞབས་བརྟན་ཤོག །
饒益瞻洲有情願久住
ཅེས་པ་འདི་ཡང་འབྲི་གུང་ཆོས་རྗེ་རྟོགས་ལྡན་བསྟན་པའི་རྒྱལ་མཚན་གྱིས་སྨོན་འདུན་བཅས།
མེ་བྱ་ལོ་སྤྱིའི་ལོ་ ༢༠༡༧ ཟླ་ ཚེས་ ལ།
直貢法尊東滇˙天貝蔣稱如此祈願,時為藏曆火雞年公元2017年吉月吉日




