我想對所有親愛的朋友說聲謝謝,無論是在我們的社區還是來自世界各地的社區,感謝你們在我生日之際給予我的溫暖祝福。今天也是為了紀念是釋迦牟尼佛第一次轉法輪的日子,這比我的生日更為重要。我們要慶祝的是釋迦牟尼佛第一次轉法輪的日子。我們應該利用這一天來銘記佛陀的善心,並反思四聖諦的至高教導。”
———直貢澈贊法王🙏🙏🙏

༈ སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་མཆོག་གིས།
“དེ་རིང་ངའི་སྐྱེས་སྐར་ལ་རྒྱལ་ཕྱི་ནང་གི་ཚོགས་སྡེ་འདྲ་མིན། སྤྱི་སྒེར་སེར་སྐྱ་རྒན་དར་གཞོན་གསུམ་གྱིས་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་ངའི་སྐྱེ་སྐར་ལས་གལ་ཆེ་བ་ནི། བདག་ཅག་གི་སྟོན་པས། ཡུལ་ཝ་ར་ན་སིར་བཀའ་དང་པོ་བདེན་པ་བཞི་ཡི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་ཁྱད་པར་ཅན་ཡིན་པས། ང་ཚོས་བདག་ཅག་གི་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་དགོས་པ་དང་། གང་གིས་གསུངས་པའི་བདེན་བཞི་བདེན་གཉིས་ཀྱི་རྣམ་གཞག་ལ་སློབ་སྦྱོང་བྱ་རྒྱུ་དེ་བས་གལ་ཆེ་བ་ཡིན།” ཞེས་གསུངས།

“I would like to say thank you to all my dear friends, both inside our community and from communities around the world, for your warm wishes on my birthday. Today also commemorates the occasion of the Buddha Shakyamuni‘s first turning of the Wheel of Dharma at the Deer Park in Sarnath. We should take this day to remember the Buddha’s kindness and reflect upon the supreme teaching of the Four Noble Truths.”
His Holiness the Drikung Kyabgon Thinlay Lhundup