འབྲི་སྟག་ཞལ་འཛོམས།
ཚེས་བཅུ་དུས་ཁྱད་པར་ཅན་ཉིན་དཔལ་མེ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་འདི་ག་དཔལ་རྫོང་སར་བཤད་གྲྭར་འབྲི་གུང་དང་སྟག་ལུང་བཀའ་བརྒྱུད་ཀྱི་དགེ་འདུན་ལས་སློབ་ཡོངས་ལ་དགོང་ཚིགས་གསོལ་སྟོན་ཟབ་རྒྱས་འབུལ་བའི་སྐབས། རིན་པོ་ཆེས་དགེ་འདུན་རྣམས་ལ་ཐོས་བསམ་སྒོམ་གསུམ་ཚད་ལྡན་གནང་སྟེ་མ་འོངས་པར་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་བྱེ་བྲག་བཀའ་བརྒྱུད་ཀྱི་བསྟན་པ་མི་ཉམས་བརྒྱུད་འཛིན་ཐོག་བཀའ་སློབ་ལམ་སྟོན་འདི་ལྟར་གནང་ཡོད། ““ ཚང་མས་མུ་མཐུད་ནས་མདོ་རྒྱུད་བསྟན་བཅོས་དག་ལ་ཚད་ལྡན་གྱི་བསླབ་པ་སློབ་གཉེར་ལེགས་པོ་མཛད་དགོས་པ་མ་ཟད། མ་འོངས་པར་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་པའི་སླད་དུ་རྒྱ་སྐད་དང་དབྱིན་སྐད་སོགས་ཀྱི་རིག་གནས་བཅས་ལའང་གང་ཐུབ་ཅི་ཐུབ་སློབ་སྦྱོང་མཛད་རོགས། ལོ་རེའི་གུང་སེང་ཟླ་བ་གཉིས་དང་ཕྱེད་ཀྱི་རིང་ལ་ཡང་། གལ་སྲིད་སྔོན་འགྲོ་དང་ཡི་དམ་བསྒོམ་ཟླས་སོགས་ཉམས་ལེན་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག གང་ཡིན་ཞེ་ན་དེ་ལ་བརྟེན་ནས་སོ་སོར་མ་འོངས་པར་ཉམས་ལེན་ཚད་ལྡན་གྱི་རྨང་གཞི་ལེགས་པོ་ཞིག་བསྐྲུན་ཐུབ་རྒྱུ་རེད། དེ་ཡང་མདོ་ཕྱོགས་ཀྱི་ཆོས་སྐོར་ཁག་ཐོས་བསམ་མཐར་ཕྱིན་པ་གནང་བའི་རྗེས་རྒྱུད་གྲྭ་ལ་ཕེབས་ཏེ་རྒྱུད་སྡེ་གསང་སྔགས་ཀྱི་ཆོས་སྐོར་ཁག་ལ་ཐོས་བསམ་ནན་ཏན་མཛད་དགོས། དེ་ནས་རིམ་པས་སྐུ་མཚམས་དུ་བཞུགས་པ་དང་རང་དངོས་ནས་བླང་དོར་གྱི་བསླབ་པ་ཁག་ལ་གཞན་ལ་དཔེ་སྟོན་འོས་པ་མཛད་དེ་མ་འོངས་པར་ཁྱེད་རྣམས་པ་ཡོངས་ནས་བཀའ་བརྒྱུད་གོང་མ་ལྟར་དོན་བརྒྱུད་སྒྲུབ་པ་ཉམས་ལེན་གྱི་བརྒྱུད་པར་འཛིན་མཁན་ཚད་དང་ལྡན་པ་ཞིག་འགྱུར་བའི་སྨོན་འདུན་ཞུས་ཞེས་གསུངས་སོ། །” སྐབས་དེའི་དྲན་རྟེན་གྱི་ཚུལ་དུ་པར་རིས་ཁག་འགའ་ཤས་ཁྱེད་རྣམ་པའི་སྤྱན་ལམ་དུ་ཕུལ་ལོ། །

傳承之心
初十殊勝日,巴麥欽哲仁波切心懷教派學僧,於宗薩佛學院,給予直貢、達隆噶舉的全體教師、學僧豐盛飲食會供。仁波切勉勵在場的僧眾:持續顯教經論的聞思之餘,善加把握機會學習英文中文等語言,為日後廣大利他增添利器。每年兩個半月的寒假期間,能自發地進行加行法與本尊誦修,將成為未來進一步修持的基礎;在經教課程全數圓滿後,應前往密宗學院深造,繼而閉關、身體力行噶舉實修之傳承。