💎編譯前言:藏傳佛教史上,格魯派第六世班禪喇嘛·羅桑巴登益喜(Lobsang Palden Yeshé , 1738-1780)不僅是偉大的金剛乘上師,更是連結蒙藏文化的重要橋樑。
本壇城今日至誠分享由 巴麥欽哲仁波切 親自指導欽哲光明壇城翻譯小組編譯之珍貴文獻。此偈頌乃六世班禪喇嘛當年應蒙古地方首領之請,祈請大威德金剛之威神,攝護成吉思汗(Jingar / ཇིང་གིར་)及山川地主神護佑一方。
在優美的詩偈中,我們見證了金剛乘如何將地方英雄與自然能量,轉化為守護佛法與眾生的勇悍資糧。這不僅是一篇祈請文,更是一段連結漢、蒙、藏三地信仰與歷史的重要見證。
翻譯過程中,我們力求漢譯之優美與精煉,讓讀者在誦讀時,既能契入佛法空性,亦能感受守護神眾的磅礴威勢。
🙏願此法音流佈,
消弭戰禍災厄,
守護善業和平。
🔴《成吉思汗長生天護法祈請文》
譯校:巴麥欽哲仁波切
執行:欽哲光明壇城翻譯小組
【禮敬與祈請】
ན་མོ་བཛྲ་བྷེ་ར་ཝཱ་ཡ།
(禮敬大威德金剛)
ཇིང་གིར་སི་གྷན་གནམ་གྱི་ལྷ་ལ་སོགས་པའི་གཞི་བདག་རྣམས་མཆོད་པར་འདོད་པས། འབྲང་རྒྱས་དང་ཤ་ཁྲག་ཞོ། དར་བ། བསངས་ལ་སོགས་པའི་མཆོད་པ་ཚོགས་པར་བྱས་ཏེ། འདི་ལྟར།
(若欲供養成吉思汗、長生天為首之大地主宰,當積聚糖蜜餈粑、肉血、酸奶、乳漿、香雲等供品。如是誦念:)
ཐུགས་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས།།
大悲化身尊聖觀世音,
མཁྱེན་པའི་གཏེར་གྱུར་རྗེ་བཙུན་འཇམ་དཔལ་དབྱངས།།
智慧寶藏至尊文殊音,
མཐུ་སྟོབས་དབང་ཕྱུག་དཔལ་ལྡན་གསང་བའི་བདག།
威猛力權具德秘密主,
ཀུན་གྱིས་བྱིན་རླབས་ཆར་ཆེན་དབབ་ཏུ་གསོལ།།
祈降加持甘露大雨雲。
ཆོས་ཀུན་རང་བཞིན་སྤྲོས་པ་དང་བྲལ་ཡང་།།
萬法自性雖離諸戲論,
སྣ་ཚོགས་རྣམ་འགྱུར་ནམ་མཁའི་འཇའ་ལྟར་བཀྲ།།
種種顯現如空煥彩虹,
དེ་ཕྱིར་ཡུལ་ཕྱོགས་འདིར་འཁོད་གཞི་བདག་རྣམས།།
以此祈向此方諸地神,
མཉེས་པའི་མཆོད་གཏོར་རྒྱ་ཆེར་འབྱུང་གྱུར་ཅིག།
廣大悅意供雲願生起。
མདུན་གྱི་དབྱིངས་སུ་ཇིང་གིར་གནམ་གྱི་ལྷ།།
前方虛空成吉思汗神,
གཞི་བདག་འཁོར་ཚོགས་རྒྱ་མཚོས་བསྐོར་བ་ནི།།
藥叉主宰如海眾圍繞,
རང་རང་འཁོར་བཅས་རྣོན་པོའི་མཚོན་ཐོགས་ཏེ།།
各隨眷屬持利刃兵器,
འཇིགས་རུང་བཞོན་པའི་སྟེང་དུ་བརྟན་པར་བཞུགས།།
穩坐威嚴猛獸坐騎上。
བསངས་དང་ཤ་ཁྲག་འབྲང་རྒྱས་བཟའ་བཅའི་ཚོགས།།
香煙肉血糖蜜諸食供,
བདུད་རྩིར་བྱིན་བརླབས་ལེགས་པར་འབུལ་ལགས་ཀྱི།།
加持轉化無漏甘露海,
དགྱིས་བཞིན་རང་རང་བདག་གིར་མཛད་ནས་ནི།།
歡喜受納各各歸其所,
འཁོར་དང་བཅས་པས་ཚིམ་པར་རོལ་ཏུ་གསོལ།།
隨從眷屬飽滿生法喜。
གོ་མཚོན་རྟ་ནོར་གསེར་དངུལ་རིན་པོ་ཆེ།།
幻化鎧甲駿馬及財寶,
ནམ་མཁའི་ཁྱོན་ཀུན་གང་བ་སྤྲུལ་བྱས་ཏེ།།
金銀綠松遍滿虛空界,
ས་ཡི་ཚངས་པ་འཁོར་བཅས་མཉེས་ཕྱིར་འབུལ།།
供養地上梵天及眷屬,
བཞེས་ནས་ཡུལ་ཕྱོགས་འདི་ཉིད་བདེ་བར་མཛོད།།
納受已後祈令此方安。
ཚེ་རིང་གནམ་གྱི་གཤེ་མོང་མངའ་ཐང་གིས།།
長壽天神威德權勢力,
ནོར་འཛིན་ཡངས་པའི་གཞི་ལ་དབང་བསྒྱུར་བ།།
統御大地守護諸資糧,
ཇིང་གིར་དཔའ་བོའི་དཔུང་ཚོགས་དང་བཅས་པས།།
成吉思汗英勇雄獅眾,
རྟག་ཏུ་བདག་ཅག་རྣམས་ཀྱི་སྟོང་གྲོགས་མཛོད།།
祈恆為友護我如羽翼。
དགྲ་དང་གཅན་གཟན་མེ་ཆུ་ས་གཡོ་དང་།།
外敵猛獸火水地震災,
རྐུན་པོ་ལ་སོགས་ཉེར་འཚེ་མ་ལུས་ལས།།
盜賊冤親一切諸損惱,
བདག་ཅག་འཁོར་དང་བཅས་པ་བདེ་ལེགས་དང་།།
願我眷屬平安獲救拔,
བསྲུང་དང་སྐྱོབ་པའི་སྟོང་གྲོགས་གཉམ་པོ་མཛོད།།
守護成就助伴祈莫離。
སྔོན་ཚེ་འཕགས་པ་སྤྱན་རས་གཟིགསདབང་དྲུང་།།
昔於聖者觀音大士前,
ཇི་ལྟར་ཁས་བླངས་དམ་བཅའ་ཉེར་དགོངས་ཏེ།།
如其所許誓願應憶念,
སངས་རྒྱས་བསྟན་པ་རིན་ཆེན་རྒྱས་པ་དང།།
顯密佛法寶藏願興隆,
བསྟན་འཛིན་སྐྱེས་ཆེན་སྐུ་ཚེ་ཡུན་དུ་སྲོངས།།
持教大德長壽永住世。
ཕྱོགས་འདིར་ས་སྐྱོང་བཅས་པ་འཁོར་དང་བཅས།།
此方王臣首領及眷屬,
ཚེ་རིང་མངའ་ཐང་ལོངས་སྤྱོད་རྒྱས་པ་དང་།།
長壽權威受用願增長,
ཇི་ལྟར་བསམ་པའི་དོན་རྣམས་མ་ལུས་པ།།
凡所思惟如法一切願,
འབད་མེད་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད།།
無勤成辦任運祈成就。
【跋】
ཞེས་པ་འདི་ནི་རང་གི་ཡུལ་ཕྱོགས་ཀྱི་རི་ནགས་ཚལ་སོགས་ཀྱི་ས་བདག་ལ་གསོལ་མཆོད་འདི་ལྟ་བུ་ཞིག་དགོས་ཞེས་ཨོར་ཏུ་སུ་པས་བསྐུལ་ངོར། བསོད་ནམས་རྒྱལ་མཚན་རྡོ་རྗེའི་ཉེ་འབྲེལ་སྐལ་བཟང་རྡོ་རྗེས་ནན་ཏན་བྱས་པ་ལ་བརྟེན་ནས། རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།།
因 Ortu Su-pa 請求為其領地內之地主神作此祈禱,並由索南甲贊多傑之戚友羅桑多傑所勸請。由大威德金剛瑜伽士——羅桑巴丹益喜撰作。

