怙主成就自在努巴仁波切 開示:

憶念無常與死亡,故當珍惜把握時間。
為了知取捨之道,故當再三研讀經典。
於真實生活之中,應當實修因果法則。
視眾生皆為父母,故當修持慈心悲心。
曾獲灌頂之恩師,當觀修於頭頂頂門。
與自身宿業有緣,故當修持本尊法門。
莫任身語意庸俗,當以此正念作守護。
若能識自心本面,即成辦今來世大義。
無有貪嗔偏私心,當於一切修持淨觀。
以發心善念動機,當再三做迴向發願。
此乃寶吉祥之五具總集修持,
於真實生活運用,將利益自他諸眾生。

應法友之囑託,
懷著赤誠之心書寫並以此供養。

努巴仁波切2016年2月8日
欽哲光明壇城翻譯組
恭譯於2025年12月8日

༧སྐྱབས་རྗེ་གྲུབ་དབང་ནུབ་སྤྲུལ་རིན་པོ་ཆེས།

མི་རྟག་འཆི་བ་དྲན་པས་དུས་ཚོད་དམ་འཛིན་མཛོད།།
བླང་དོར་མཁྱེན་པའི་ཆེད་དུ་གསུང་རབ་ཡང་ཡང་གཟིགས།།
འཚོ་བ་དངོས་ཀྱི་ནང་དུ་རྒྱུ་འབྲས་ཉམས་ལེན་འཚལ།།
འགྲོ་ཀུན་ཕ་མར་བཀུར་ནས་བྱམས་དང་སྙིང་རྗེ་བསྒོམ།།
དབང་ཐོབ་དྲིན་ཆེན་བླ་མ་སྤྱི་བོ་གཙུག་ཏུ་བསྒོམ།།
ལས་སྨོན་གང་དང་འབྲེལ་བའི་ཡི་དམ་ཉམས་ལེན་དགོས།།
སྒོ་གསུམ་ཐ་མལ་མ་འཇོག་དྲན་པའི་བྱ་ར་གཅེས། །
རང་སེམས་རང་ངོ་ཤེས་ན་འདི་ཕྱིའི་དོན་ཆེན་འགྲུབ།།
ཆགས་སྡང་ཕྱོགས་རེས་མེད་པ་ཀུན་ལ་དག་སྣང་སྦྱོངས།།
ཐུགས་བསྐྱེད་སེམས་པ་བཟང་པོས་བསྔོ་སྨོན་ཡང་ཡང་མཛོད།།
རཏྣ་ཤྲཱིའི་ཉམས་ལེན་ཀུན་འདུས་ལྔ་ལྡན་འདི།།
འཚོ་བ་དངོས་ནང་བེད་སྤྱོད་རང་གཞན་ཀུན་ལ་ཕན།།
ཆོས་གྲོགས་བཀའ་ཡིས་བསྐུལ་བ་ལ།།
ལྷག་པའི་བསམ་པས་བྲིས་ཏེ་ཕུལ།།

༢༠༡༦/༢/༨ཉིན།

原文出處https://www.facebook.com/share/p/1F9WRQe1Sd/?mibextid=wwXIfr