米滂仁波切與法王如意寶晉美彭措巴桑波所讚歎的巴麥欽哲
對於我等濁世眾生之恩德較佛陀尤為殊勝之法王如意寶晉美彭措巴桑波親口開示:
全知米滂仁波切圓寂時對涅內沃瑟秋(近侍最勝光)的未來做了預言,說他將在壽命上有三大障礙,第一和第二個基本無害,第三個障礙將會比較困難,彼時須閱讀這封信,然後手書此封密信。
後來如同全知米滂仁波切所預言的那樣障礙現前了,涅內沃瑟秋開啟並閱讀了上師之密信,信中指示他需要去拜見巴麥欽哲仁波切。
此後涅內沃瑟秋專注地向巴麥欽哲仁波切祈請,而巴麥欽哲仁波切則顯現以智慧身,將最勝光身之障礙完全淨化。之後涅內沃瑟秋著作了巴麥欽哲仁波切的一個上師成就法儀軌。
另外,法王如意寶還開示:蔣揚欽哲旺波雖然有眾多化身,然而不共之化身就是巴麥欽哲仁波切。這麼說的原因是蔣揚欽哲旺波、空行母益西措嘉以及大伏藏師列饒林巴他們都有一支不共的普巴杵。而他們的轉世之中,誰持有這支普巴杵,就是他們的心意化身。蔣揚欽哲旺波的「度脫三有」普巴杵就由巴麥欽哲仁波切所持有。
根據這個普巴杵可知巴麥欽哲仁波切是蔣揚欽哲旺波的心意化身。這是法王如意寶在四眾弟子面前不止一兩次,而是多次以金剛語所讚頌。
རང་ཅག་སྙིགས་མའི་སྐྱེ་འགྲོ་ཡོངས་ལ་བཀའ་དྲིན་སངས་རྒྱས་ལས་ལྷག་པའི་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་ཞལ་ནས། ཀུན་མཁྱེན་མི་ཕམ་རྒྱ་མཚོ་དགོངས་པ་རྫོགས་ལ་ཉེ་བའི་སྐབས་སུ་ཉེ་གནས་འོད་གསལ་མཆོག་ལ་མ་འོངས་ལུང་བསྟན་གྱི་ཚུལ་མཛད་དེ། རྗེས་ཕྱོགས་ཁྱེད་ལ་ཚེ་ཡི་བར་ཆད་ཆེན་པོ་གསུམ་ཡོད། དང་པོ་དང་གཉིས་པས་དེ་ཙམ་མི་སྐྱོན། གསུམ་པ་དེས་དཀའ་མོ་ཡོང་བས་དེའི་སྐབས་སུ་འདི་ཀློགས་གསུངས་ནས་ཕྱག་བྲིས་ཤིག་གནང་། ཕྱིས་སུ་ཀུན་མཁྱེན་མི་ཕམ་རྒྱ་མཚོས་ལུང་བསྟན་ལྟར་ཉེ་གནས་འོད་གསལ་མཆོག་ལ་བར་ཆད་དེ་རྣམས་ཇི་བཞིན་བྱུང་བས། སྔར་བླ་མས་གནང་བའི་ཕྱག་བྲིས་དེ་ཁ་ཕྱེས་ནས་མཇལ་དུས། ཕྱག་བྲིས་ནང་དུ་དཔལ་མེའི་མཁྱེན་བརྩེ་རིན་པོ་ཆེ་མཇལ་དགོས་པར་གསུངས་ཡོད། དེ་ནས་ཉེ་གནས་འོད་གསལ་མཆོག་གིས་དཔལ་མེའི་མཁྱེན་བརྩེ་རིན་པོ་ཆེ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས། དཔལ་མེའི་མཁྱེན་བརྩེ་རིན་པོ་ཆེས་ཡེ་ཤེས་ཀྱི་སྐུ་ཡིས་རྗེས་སུ་བཟུང་སྟེ། ཁོང་གི་སྐུ་ཡི་བར་ཆད་རྣམས་མིང་མེད་དུ་བསལ་བར་མཛད། དེ་རྗེས་ཉེ་གནས་འོད་གསལ་མཆོག་གིས་དཔལ་མེའི་མཁྱེན་བརྩེ་རིན་པོ་ཆེའི་བླ་སྒྲུབ་ཞིག་ཀྱང་མཛད་ཅེས་དང་།
གཞན་ཡང་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བའི་ཞལ་ནས། སྤྱིར་ན་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་སྤྲུལ་སྐུ་དུ་མ་ཞིག་ཡོད་ཀྱང་ཐུན་མོང་མ་ཡིན་པའི་སྤྲུལ་པའི་སྐུ་དེ་དཔལ་མེའི་མཁྱེན་བརྩེ་རིན་པོ་ཆེ་རེད། དེ་ཡིན་པའི་རྒྱུ་མཚན་ནི། འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་ཆེན་ལས་རབ་གླིང་པ་ཁོང་རྣམ་པ་ལ་ཐུན་མོང་མ་ཡིན་པའི་ཕུར་པ་གཅིག་ཡོད་རེད།
2020年10月6日欽哲光明壇城翻譯小組 恭譯