今天是第四世喇千仁波切‧聖勝事業善(འཕགས་མཆོག་ཕྲིན་ལས་བཟང་པོ།)頭七,第三世巴麥欽哲仁波切將在「實修必備-念珠的理論與實作課程」後,率弟子眾祝禱、迴向恩師,早日乘願再來,普利有情。
སྐྱབས་གཅིག་འཁོར་ལོའི་མགོན་པོ་འདྲེན་མཆོག་དཔལ་ལྡན་རྩ་བའི་བླ་མ་དམ་པ་ལྷོ་དཔལ་མེ་དགོན་གྱི་སྐྱབས་མགོན་རྣམས་གསུམ་གྱི་ཡ་གྱལ་༧བླ་མཁྱེན་སྤྲུལ་སྐུའི་སྐུ་ཕྲེང་བཞི་པ་༧འཕགས་མཆོག་ཕྲིན་ལས་བཟང་པོ་མཆོག་དེ་རིང་སྟེ། 2018—5—26 ཕྱི་དྲོ་དུས་ཚོད་ལྔ་དང་སྐར་མ་ཉི་ཤུ་རྩ་གཉིས་ཐོག་གདུལ་བྱ་གཞན་གྱི་ངོར་རེ་ཞིག་དགོངས་པ་ཆོས་དབྱིངས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན།
唯一皈處壇城怙主大恩具德根本上師洛·巴麥寺三怙主之一——尊貴的第四世喇千仁波切帕秋欽列桑波於2018年5月26日下午5點22分,為弟子眾顯現心意暫時融入法界之示現。
བློ་ཁ་ཆོས་ལ་ཕྱོགས་པ་བླ་མའི་དྲིན།།
ཆོས་ལ་དགའ་བ་སྐྱེས་པ་བླ་མའི་དྲིན།།
ཆོས་གཟུགས་མ་བོར་ཙམ་འདི་བླ་མའི་དྲིན།།
འདྲེན་མཆོག་དཔལ་ལྡན་བླ་མར་གསོལ་བ་འདེབས།།
心入於法此乃上師恩
歡喜於法亦乃上師恩
貌似修士相狀上師恩1
勝導具德上師我祈請
ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ་གྱི་གནད།།
ཚུལ་ཁྲིམས་མ་ཡིན་ཤེས་རབ་བརྩོན་འགྲུས་མིན།།
བླ་མའི་མོས་གུས་ཁོ་ནར་ཐག་ཆོད་ནས།།
འདྲེན་མཆོག་དཔལ་ལྡན་བླ་མར་གསོལ་བ་འདེབས།།
一生成佛修持之要義
非為戒律亦非智與勤
於師虔敬唯此更無它
勝導具德上師我祈請
མདོར་ན་ད་ནས་སྐྱེ་བ་ཐམས་ཅད་དུ།།
སྐྱབས་གཅིག་དམ་པ་ཁྱེད་དང་མི་འབྲལ་ཞིང་།།
བྱུང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོ་རུ།།
གྱུར་ནས་འགྲོ་ཁམས་དོང་ནས་སྤྲུགས་པར་ཤོག།
總之從今乃至生世間
祈願不離唯一皈處汝
獲證菩提圓成部主尊
根斷輪迴度眾登彼岸
巴麥寺堪布作
2018年5月28日台灣欽哲光明壇城翻譯小組敬譯
註:1.直譯「勉具修士樣貌上師恩」,意為「如今稍微像個修行人都是上師的恩德」。