欽珠遺教༄༅། ། མཁྱེན་སྤྲུལ་ཞལ་ཆེམས།—《巴麥欽哲伏藏第8函‧遺教類》

༈ དྷཱིཿ ཨོ་རྒྱན་དངོས་བྱོན་ཀུན་བཟང་འགྲོ་འདུལ་ང་། །

諦!真實蓮師普賢度眾我,

སྒྱུ་ལུས་འདི་ལ་བདེ་སྡུག་ཅི་ལ་ཡོད། །

於此幻身有何苦與樂?

རིག་པ་སྐྱེ་མེད་འཁོར་འདས་གཞི་ལ་ཁྱབ། །

無生明覺周遍輪涅基。

བོད་ཁམས་མ་རིག་མུན་པ་དག་ཕྱིར་དང་། །

為淨藏地無明昏暗故,

སྙིགས་མའི་བསྐལ་ངན་ཐམས་ཅད་ཅི་བཟློག་བྱས། །

以及回遮濁世諸惡緣,

འདུག་ཁོམ་མ་མཆིས་རྔ་ཡབ་གླིང་དུ་འགྲོ། །

無有休歇前往拂塵洲,

འབྲེལ་ཚད་འདྲེན་པ་ཨོ་རྒྱན་བཀའ་ལུང་ཡོད། །

蓮師授記引導具緣子。

ཞིང་ཁམས་རེ་ལ་སྟོན་པ་ང་ཉིད་ཡོད། །

一一世界皆有導師我,

རྒྱལ་བའི་རྒྱལ་ཚབ་བཀའ་འདྲིའི་ཚུལ་དུ་གནས། །

現為佛陀攝政請問者。

ང་ཡི་སྤྲུལ་པའི་རོལ་གར་ཉེར་ལྔ་ཙམ། །

我之化身遊舞二十五,

རྒྱ་གར་མུ་སྟེགས་འདུལ་ཕྱིར་དེ་རུ་འགྲོ། །

調伏外道之故去印度,

ང་སྤྲུལ་རྒྱ་ནག་སྨད་ཀྱི་ཡུལ་དུ་འགྲོ། །

我亦化身於下方漢地,

དུ་མཐའི་རྩ་མུན་ཐམས་ཅད་འཇོམས་པར་བྱེད། །

消除一切末世之昏聵,

ང་ཡི་སྤྲུལ་པ་བོད་ཡུལ་རྒྱུན་ཆད་མེད། །

我之化身藏地無間斷,

བསྟན་འཛིན་སྐྱེས་བུའི་ཚུལ་དུ་མང་དུ་འགྲོ། །

為數眾多持教之士夫。

ང་ནི་རྒྱུ་ལུས་མི་རྟག་ཚུལ་དུ་སྟོན། །

我今示現四大無常身,

ཁྱེད་རྣམས་སྡུག་བསྔལ་མ་བྱེད་ང་ཉིད་སྒོམ། །

汝等心勿悲苦常修我,

ང་ངོར་བལྟས་ན་རང་སེམས་དེ་ཉིད་ཡིན། །

若見我面則見於自心,

གསོལ་བ་ཐོབ་དང་འདུ་འབྲལ་མེད་པར་ངེས། །

一心祈請決定無分離。

སྔོན་ཆད་འཕགས་བོད་གྲུབ་ཐོབ་ཐམས་ཅད་དང་། །

往昔一切印藏成就者,

ཨོ་རྒྱན་པདྨ་རྗེ་འབངས་ཉེར་ལྔ་སོགས། །

以及蓮師二五王臣等,

ཐམས་ཅད་རྟག་འཛིན་བསྐུལ་ཕྱིར་གཞན་དུ་གཤེགས། །

為破常執逝去往他方,

ང་རང་དེ་འདྲ་ཡིན་པའི་ཁོ་ཐག་ཆོད། །

故我亦將決定如是般。

འདིར་བཞུགས་རྣམས་ཀྱི་དགྲ་གཉེན་མ་བྱེད་ནས། །

對於此土眾生無怨親,

ཐམས་ཅད་རྨི་ལམ་ཡིན་པའི་ཁོ་ཐག་ཆོད། །

一切皆為夢境獲決定,

ང་ལ་བཟང་ངན་ལས་ཀྱི་འབྲེལ་བ་རྣམས། །

與我結下善惡業緣者,

ཐེ་ཚོམ་མི་དགོས་མངོན་འགའི་ཞིང་དུ་འགྲོ། །

皆往現喜剎土無需疑。

ཀུན་གྱི་ཐུགས་ལ་དེ་ལྟར་འཛིན་པར་འཚལ། །

此語大眾心中善憶持!

༧ མཁྱེན་སྤྲུལ་ཞལ་ཆེམས་དགེའོ།། །།

此乃欽珠遺教。願增善!

སྤྱི་ལོ་༢༠༢༠ ཟླ་༨ ཚེས་༨ མཁྱེན་བརྩེའི་ལོ་ཙྭ་ཚོ་ཆུང་གིས་རྒྱ་ཡིག་ཏུ་བསྒྱུར།

2020年8月8日欽哲光明壇城翻譯小組敬譯