#藏曆正月初十巴麥欽哲暨湯通嘉布降生紀念日‧上師相應法大法會
#精彩故事今日下午2點半開講歡迎報名線上聆聽
སྟོན་རྒྱལ་ཐེག་མཆོག་འོད་གསལ་གླིང་གི་གསོལ་འདེབས་བཞུགས་སོ།།
敦嘉聽秋偉色林(導王勝乘光明洲)祈請文
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།
嗡阿吽 瓦加 古汝 貝瑪 悉地 吽
སྟོན་རྒྱལ་ཡང་དག་གནས་མཆོག་ཉམས་དགའ་ནི།
導王清淨歡喜之聖地
།རིགས་གསུམ་མགོན་པོས་བྱིན་རླབས་མཛད་པའི་གནས།
三姓怙主賜予加持處
།དབྱར་དགུན་མེད་པར་མེ་ཏོག་ཆར་པ་འབེབས།
無論冬夏恆時花雨降
།ཉམས་དགའ་བྱིན་རླབས་ཆེ་བའི་གནས་མཆོག་དེར།
於此廣大加持悅意處
།དཔའ་བོ་དཔའ་མོ་དངོས་སུ་འབྱོན་པའི་གནས།
勇父勇母真實降臨處
།ཏིང་འཛིན་ལྟ་བ་རང་བྱུང་འཁྲུངས་པའི་ས།
禪定見地自顯出生地
།ཕྱི་ནི་སྤྲུལ་སྐུའི་གནས་མཆོག་རིན་ཆེན་བྲག
外為化身聖地珍寶岩
།ནང་ལྟར་མཁའ་འགྲོ་འབུམ་གྱི་དཀྱིལ་འཁོར་གནས།
內為十萬空行之壇城
།གསང་བ་འོག་མིན་པད་མོ་བཀོད་པའི་ཞིང་།
密為密嚴蓮花莊嚴剎
སྐུ་གསུམ་འདུས་པའི་གནས་ལ་གསོལ་བ་འདེབས།
三身總集聖地做祈請
།ཕྱི་ནང་གསང་བའི་དངོས་གྲུབ་ཀུན་ཐོབ་ནས།
外內秘密成就皆獲得
།རྒྱ་འདྲེ་བགེགས་དང་དགྲ་གདོན་བར་ཆད་ཟློག
爭鬥怨敵魔障盡迴遮
།རྩ་ཐིག་རླུང་གསུམ་བར་ཆད་ཀུན་ཞི་ཞིང་༑
脈氣明點障礙皆平息
༑དབྱིངས་རིག་སྐྱེ་མེད་ཕྱག་རྫོགས་དོན་རྟོགས་ཏེ།
證悟界明無生印圓義
།སྣང་བཞི་མཐར་ཕྱིན་ཡེ་ཤེས་མངོན་གྱུར་ནས།
四相究竟本智現前已
།སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།
祈賜身語意之勝成就
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།
嗡啊吽 瓦加 古汝 貝瑪 悉地 吽
ཨོཾ་ཛྙཱ་ན་དྡྷཱཀི་ནི་མནྡྷཱ་ར་ཝ་སརྦ་སིདྡྷི་ཧཱུྃ།
嗡 嘉那 達基尼 曼達拉娃 薩瓦 悉地 吽
ཅི་ནུས་བཟླའོ།
盡量念誦
།ཞེས་པ་པདྨ་ཀུན་བཟང་འགྲོ་འདུལ་རྡོ་རྗེས་གནས་དེར་གུས་པས་གསོལ་བ་བཏབ་པ་ཉེས་འགལ་མཆིས་ན་གནས་སྲུང་རྣམས་ལ་བཤགས་སོ།། །།
貝瑪昆桑卓都多傑(蓮花普賢度眾金剛)對此聖地虔誠祈請,若有罪過違犯悉於護法前懺悔
〈導王勝乘光明洲祈請文〉是第二世巴麥欽哲為長時閉關之聖地曙光洞所作,在第三世巴麥欽哲、寶持教度眾洲指導下,由欽哲光明壇城翻譯小組譯自《巴麥欽哲文集》第三函189頁。於2022年3月12日藏曆神變月初十,第二世巴麥欽哲(1897~1945)降生125紀念日,上師相應法大法會之吉祥緣起時獻予具信佛子。