——竹旺·努巴仁波切撰
——欽哲光明壇城翻譯小組敬譯

ན་མོ་གུ་རུ་ཡེ།
ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྗེ། །
རྟོགས་པ་མཆོག་ལྡན་དྲིན་ཅན་མགོན་ཁྱེད་ཉིད། །
ཆོས་ཀྱི་སྐུ་ལ་གཤེགས་བཞུད་མི་མངའ་ཡང༌། །
གཟུགས་སྐུ་གཤེགས་པར་བདག་སོགས་གདུང་བས་མནར། །

བསྐལ་མང་གོམ་པའི་རླབས་ཆེན་ཐུགས་བསྐྱེད་དང༌ ། །
བདག་ཅག་སློབ་འབངས་གདུང་བས་མནར་གཟིགས་ནས། །
མཆོག་སྤྲུལ་ཉི་གཞོན་གསར་པ་མྱུར་འཆར་ནས། །
མཛད་འཕྲིན་ཕྱོགས་མཐར་ཁྱབ་པ་ཉིད་གྱུར་ཅིག། །།

ཏཱ་ར་གསང་ཆེན་སྒྲུབ་སྡེར་རྨོངས་རྒན་རཏྣས་གདུངས་བས་གསོལ་བ་བཏབ་པའོ༎

頂禮上師
三界眾生上師法至尊
證量殊勝具恩怙主您
法身雖然無來亦無去
色身逝去吾等心悲切

累劫熏習偉大之發心
憐憫弟子眾等悲戚故
速顯旭日殊勝新化身
願尊教化事業遍十方

度母大密閉關中心,愚朽貢覺悲苦祈請。